མགྲོན་འབོད་མེད་པར་།
སྐུ་མགྲོན་སླེབས་བྱུང་།
དབྱར་དཔྱིད་གཉིས་རྫོགས་པར་སྤྱད་དེ་།
ང་ཚོ་གྲང་ངར་གྱི་དགུན་ལ་སྦྱར་བྱུང།
ང་ཚོའི་ངལ་དུབ་ཀྱི་གོམ་བགྲོད་རེ་རེས།
གྲང་ལྷག་གིས་ཐལ་ལྕག་རེ་རེར་གདོང་ལེན་གྱིས།
ཡི་ཆད་ཀྱི་མཚན་མོ་མང་པོར་བརྒལ་ཏེ།
མཐའ་མར་ང་ཚོ་བཙན་བྱོལ་དུ་བསྐྱལ་བྱུང།
སེམས་ནང་རེ་མདུན་ཞིག་བཅངས་ཏེ།
རྒན་མོས་ནམ་ཡང་སྨོན་ལམ་འདེབས་ཅིང་།
དགོང་རེ་བཞིན་རྡོག་ཆས་སྒྲིག་སྟེ་།
ཕྱིར་ཕ་ཡུལ་དུ་ལོག་རྒྱུར་སྒུག་ནས་སྡོད་།
Guests came
Without invitation
Stayed whole spring and summer
And kicked us in the cruel winter
The cold wind slapped us
With every step we trudged to exile
Many lonely nights in despair
Finally took us to exile
The old woman prays everyday
In the hope of returning back to Tibet
Suitcase packed
Every time at the end of the day
No comments:
Post a Comment